Ngesang Dhongag Jangchub Dargyeling

Ngesang Dhongag Jangchub Dargyeling ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་།།

Nyesang Dhongag Jangchub Dargyeling

༆ མཁན་པོ་སྐལ་ལྡན་འགྱུར་མེད་མཆོག་ནི་སྦས་ཡུལ་པདྨ་བཀོད་རྡོ་རྗེ་ཕག་མོ་ཀླུ་འདུལ་མའི་སྐུའི་བཀོད་པ་འཁོར་ལོ་ལྔའི་ནང་ཚན་གསང་གནས་བ...
19/08/2026

༆ མཁན་པོ་སྐལ་ལྡན་འགྱུར་མེད་མཆོག་ནི་སྦས་ཡུལ་པདྨ་བཀོད་རྡོ་རྗེ་ཕག་མོ་ཀླུ་འདུལ་མའི་སྐུའི་བཀོད་པ་འཁོར་ལོ་ལྔའི་ནང་ཚན་གསང་གནས་བདེ་སྐྱོང་འཁོར་ལོའི་ཡང་གསང་གནས་སུ། ཡབ་ཏྲི་ཐ་གུ་རུ་དང་ཡུམ་ཀརྨ་ལྷ་སྐྱིད་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༨༠ ལོར་སྐུ་འཁྲུངས། སྤྱི་ལོ་ ༡༩༨༨ དགུང་ལོ་བརྒྱད་པར་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཆོས་སྒོར་ཞུགས་ཏེ། ཡེ་གེ་འབྲི་ཀློག་ནས་བཟུང་དབུ་མཛད་དང་། འདོན་རྟ་དབྱངས། འབུད་རྡུང་དཀྲོལ་གསུམ། གར་ཐིག་དང་བཅས་པ་རིག་འཛིན་གོང་མ་རྣམས་ཀྱི་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལ་བྱང་ཆུབ་པར་མཛད། ཕྱི་ལོ་ ༡༩༩༥ ལོར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་བཤད་གྲྭར་ཞུགས་ཏེ། མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་མཐར་ཕྱིན་པར་མཛད་དེ། ཕྱི་ལོ་ ༢༠༠༥ ལོར་ངེས་གསང་ལེགས་བཤད་མཛོད་འཆང་ངམ་སློབ་དཔོན་གྱི་མཚན་ནས་བཞེས། དེ་ནས་མཁན་རིན་པོ་ཆེ་ཚེ་རིང་རྡོ་རྗེ་དང། མཐོ་སློབ་ཆེན་མོའི་བཀའ་དགོངས་བཞིན་ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་དུ་དགེ་རྒན་གྱི་ཐུགས་འགན་བཞེས་ཏེ་བསྟན་འགྲོར་སྨན་པའི་བྱ་བ་ཡུན་རིང་མཛད། སྤྱི་ལོ་ ༢༠༡༨ ཟླ་ ༠༤ ཚེས་ ༢༩ ཉིན་ ༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེས་མཁན་པོའི་ཁྲིར་མངའ་གསོལ་མཛད་དེ་མདོ་རྒྱུད་ངེས་དོན་བསྟན་པའི་སྣང་བྱེད་ཆེན་མོའི་ཕྱག་ཁྱེར་བསྩལ། མུ་མཐུད་རྒྱལ་བསྟན་ལུང་རྟོགས་བཤད་སྒྲུབ་དར་རྒྱས་གླིང་དུ་དཔེ་ཁྲིད་དགེ་རྒན་གྱི་ཐུགས་འགན་ཡུན་རིང་བཞེས། ཕྱི་ལོ་ ༢༠༢༣ ལོར་འཕགས་ཡུལ་རྣམ་གྲོལ་གླིང་གི་སྒྲུབ་སྡེ་བསམ་གཏན་འོད་གསལ་གླིང་དུ་སྐུ་མཚམས་སུ་བཞུགས་ཏེ་ལོ་གསུམ་ཟླ་གསུམ་གྱི་བསྙེན་སྒྲུབ་རྣམས་ལེགས་པར་གྲུབ་སྟེ། སླར་ཡང་དགོན་འདིར་ཕྱིར་ཞབས་སོར་བཀོད་པ་ལ་དགོན་པའི་འདུས་མང་ཡོངས་ནས་དགའ་གུས་སྤྲོ་གསུམ་ངང་འཚམས་འདྲི་དང་རྟེན་འབྲེལ་ཞུས་པའི་སྣང་བརྙན།

༈ ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་གི་འདུས་སྤྱི་ཡོངས་ནས་རྒྱ་གར་གྱི་རང་བཙན་དུས་ཆེན་ ༨༠ པ་སྲུང་བརྩི་ཞུས་པ། The entire...
15/08/2026

༈ ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་གི་འདུས་སྤྱི་ཡོངས་ནས་རྒྱ་གར་གྱི་རང་བཙན་དུས་ཆེན་ ༨༠ པ་སྲུང་བརྩི་ཞུས་པ།

The entire monastic community of Ngesang Dongak Jangchub Dargye Ling celebrated the 80th Independence Day of India.

༆ ཇི་སྐད་དུ། གཏེར་ཆེན་རཏྣ་གླིང་པའི་གཏེར་བྱོན་ལས།ང་ཉིད་སྲིན་ཡུལ་འགྲོ་ན་ཡང་༔ སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་དང་༔ བྱུང་ཅོག་ཟླ་...
25/07/2026

༆ ཇི་སྐད་དུ། གཏེར་ཆེན་རཏྣ་གླིང་པའི་གཏེར་བྱོན་ལས།

ང་ཉིད་སྲིན་ཡུལ་འགྲོ་ན་ཡང་༔ སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་དང་༔
བྱུང་ཅོག་ཟླ་བའི་ཚེས་བཅུ་ལ༔ ང་ཉིད་འབྱོན་པའི་དབུ་སྙུང་བཞེས༔
པདྨ་འབྱུང་གནས་གཞན་མི་བསླུ༔ ཐེ་ཚོམ་སྤོངས་ཞིག་རྗེས་འཇུག་རྣམས༔

ཞེས་རྡོ་རྗེའི་གསུང་གིས་ཞལ་བཞེས་གནང་བ་ལྟར། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ནི། ཨོ་རྒྱན་སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེ་སིནྡྷུའི་མཚོ་གླིང་པདྨའི་ཟེའུ་འབྲུ་ལས། མཚན་དཔེའི་གཟུགས་སྐུ་རྫུས་སྐྱེས་སུ་བཞེངས་པའི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན། དུས་ཁྱད་པར་ཅན་འདིར་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ་བསོད་ནམས་ཀྱི་ཚོགས་བསགས་ན། དུས་གཞན་ལས་འབུམ་འགྱུར་གྱིས་ཁྱད་པར་དུ་འཕགས་པར་གསུངས་ཀྱང་། སྤྱིར་གངས་ཅན་ལྗོངས་སུ་ལོ་མགོ་འཛིན་ཚུལ་མི་འདྲ་བ་ཡོད་པ་ལྟར། སྤྲེལ་ཟླ་འདི་ལའང་བོད་ཟླ་ལྔ་པ། དྲུག་པ། བདུན་པ་བཅས་མཁས་པ་རྣམས་ཀྱི་བཞེད་སྲོལ་མི་འདྲ་བ་སྣ་ཚོགས་མཆིས།

འདིར་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པས།

ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉི་ཤར་ལ། །དྷ་ན་ཀོ་ཤར་པདྨའི་སྦུབས་ལས་བྱོན། །

ཞེས་སྤྲེལ་ཟླ་འདི་ཧོར་ཟླ་དྲུག་པར་ངོས་འཛིན་གནང་བ་དེ་བཞིན་ཁུངས་སུ་བྱས་ཏེ། འདི་ག་ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་ནས། རྒྱལ་བསྟན་སྤྱི་དང་ཁྱད་པར་དུ་བོད་གངས་ཅན་ལྗོངས་ལ་བཀའ་དྲིན་ཆེ་བའི་ཨོ་རྒྱན་སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས། རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་ཐམས་ཅད་སྐུ་ཚེ་རྒྱལ་མཚན་བརྟན་ཅིང་མཛད་ཕྲིན་རྒྱས་པ། འཕགས་ཚོགས་དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་ཞིང་། རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་སྐྱེས་འགྲོ་ཡོངས་ཀྱི་ཕན་བདེའི་དཔལ་དུ་ཡུན་ནས་ཡུན་དུ་གནས་པའི་སླད་དུ་དམིགས་ཏེ་སྤྲེལ་ཟླ་ཚེས་བཅུ་ཆེན་མོ་ཚོགས་པའི་མཐོང་སྣང་།

As it is said in the treasure revelation of the great tertön Ratna Lingpa:

“Although I may depart for the land of the rakshasas,
on the tenth day of the Monkey Year and the Monkey Month,
and on the tenth day of the month of Bengchok,
I shall surely return and appear again.
Padmasambhava will never deceive you.
Therefore, my followers, abandon all doubts.”

Thus, in accordance with this vajra-like promise, the tenth day of the Monkey Year and Monkey Month is regarded as a particularly auspicious sacred occasion commemorating the miraculous birth of Guru Rinpoche, the Second Buddha of Oddiyana, who manifested in the form of a nirmanakaya possessing the major and minor marks of perfection from within the pollen of a lotus on an island in Lake Sindhu.

It is said that if, on this exceptionally sacred occasion, one makes extensive offerings of the ganachakra and accumulates the accumulation of merit, its virtue is especially superior to that of other times and increases a hundred thousand times over.

In general, just as different traditions exist in the Snowy Land of Tibet regarding the calculation of the beginning of the year, there are also various differing views among scholars as to whether the Monkey Month corresponds to the fifth, sixth, or seventh month of the Tibetan calendar. However, the great vidyadhara Jigme Lingpa stated:

“On the morning of the tenth day of the sixth Hor month,
he emerged from within the lotus of Dhanakosha.”

Accordingly, following the tradition that identifies the Monkey Month with the sixth Hor month, the Esoteric Secret Sutra and Ta**ra Bodhicitta Flourishing Dharma Centre commemorates the great tenth-day festival of the Monkey Month, while remembering with gratitude the kindness of the Second Buddha of Oddiyana, the Master Padmasambhava, whose kindness toward the Buddhadharma in general, and particularly toward the Snowy Land of Tibet, is immeasurable.

With the aspiration that the precious Buddhadharma may flourish and spread; that all the holy beings who uphold the teachings, wherever they may abide, enjoy long and stable lives like victory banners and that their enlightened activities continue to expand; that the communities of the noble Sangha remain harmonious and maintain pure discipline; and that this precious Buddhadharma may remain and flourish for generations upon generations as a source of benefit and happiness for all sentient beings, the great tenth-day festival of the Monkey Month was celebrated.

༄། །སྟོན་པའི་འདས་ལོ་ ༢༥༧༠ རབ་འབྱུང་ ༡༧ སྤྱི་ལོ་ ༢༠༢༦ ཟླ་ ༠༧ ཚེས་ ༡༩ རེས་གཟའ་ཉི་མའི་དགོང་མོར། རྒྱལ་བསྟན་ལུང་རྟོགས་བཤད་སྒྲ...
19/07/2026

༄། །སྟོན་པའི་འདས་ལོ་ ༢༥༧༠ རབ་འབྱུང་ ༡༧ སྤྱི་ལོ་ ༢༠༢༦ ཟླ་ ༠༧ ཚེས་ ༡༩ རེས་གཟའ་ཉི་མའི་དགོང་མོར། རྒྱལ་བསྟན་ལུང་རྟོགས་བཤད་སྒྲུབ་དར་རྒྱས་གླིང་གི་མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པས། སློབ་གཉེར་བ་རྣམས་ལ་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་ཟབ་མོ་གནང་ཡོད།

དེ་ཡང་། བཀའ་སློབ་ཀྱི་བརྗོད་གཞིར།

སློབ་དཔོན་བསྟན་འཛིན་ཚེ་དབང་མཆོག་ནས། གྲྭ་པ་རྣམས་ཀྱིས་ནང་དོན་རིག་པའི་ཤེས་ཡོན་སྦྱོང་བ་དང་མཉམ་དུ། དེང་རབས་ཀྱི་སྤྱི་ཚོགས་དང་རིག་གནས་ལའང་དོ་སྣང་དང་སྦྱང་བརྩོན་བྱ་དགོས་པའི་གལ་གནད་སྐོར་གསུངས་ཡོད།

མཁན་པོ་སྐལ་ལྡན་དབང་ཕྱུག་མཆོག་ནས། སློབ་སྦྱོང་གི་གལ་གནད་དང་། སློབ་སྦྱོང་བྱེད་པའི་དམིགས་ཡུལ། སློབ་སྦྱོང་གནང་སྟངས་སོགས་ཀྱི་སྐོར་ལ་བཀའ་སློབ་གནང་ཡོད།

མཁན་པོ་བདེ་ཆེན་དབང་འདུས་མཆོག་ནས། ཀུན་སྤྱོད་དང་མི་གཤིས་བཟང་པོ་བསྐྱེད་བསྲུང་བྱ་རྒྱུ་དང་། ཆོ་ག་ཕྱག་ལེན་སོགས་ལ་སྦྱང་བརྩོན་བྱ་དགོས་པའི་གལ་གནད་སྐོར་གསུངས་ཡོད།

ཚོགས་གཙོ་མཁན་པོ་ཀུན་བཟང་མི་འགྱུར་མཆོག་ནས། དགོན་པ་འདི་ཉིད་པདྨ་བཀོད་ཀྱི་ནོར་བུ་གཅིག་པུ་དེ་ཡིན་པ་དང་། དགོན་འདི་ཉིད་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་གནང་རྒྱུའི་འགན་འཁྲི་དེ། འདིར་བཞུགས་པའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པ་དང་། སློབ་ཕྲུག་ཡོངས་ལ་ཡོད་པའི་ཚུལ་གསུངས་ཡོད། དེ་བཞིན། ཀུན་གྱིས་བཀའ་སྡོམ་པ་ལེགས་པར་སྲུང་དགོས་པའི་གལ་གནད་དང་། དགེ་འདུན་གྱི་དཀོར་ལ་ལོག་སྤྱོད་མི་རུང་བ། རང་འཁྲིའི་ལས་འགན་ལ་འཐུས་ཤོར་མེད་པར་འབད་དགོས་པ། དེ་བཞིན་ཕན་སེམས་དང་ལྷག་བསམ་བཅངས་དགོས་པ། ཆེ་བས་ཆུང་བར་བྱམས་སྐྱོང་དང་། ཆུང་བས་ཆེ་བར་བཀུར་སྟི་བྱ་དགོས་པ་སོགས་ཀྱི་སྐོར་བཀའ་སློབ་ཟབ་མོ་གནང་ཡོད།

མཐའ་དོན་དུ། དྲུང་ཡིག་སློབ་དཔོན་བསྟན་འཛིན་ལེགས་གྲུབ་མཆོག་ནས། བཀའ་སློབ་མཛད་རིམ་ཡོངས་ཀྱི་མཐའ་བསྡོམས་གནང་སྟེ། བཀའ་སློབ་གནང་མཁན་རྣམ་པར་ཐུགས་རྗེ་ཆེ་ཞུས་པ་བཅས་ཀྱིས། བཀའ་སློབ་ཀྱི་མཛད་རིམ་རྣམས་མཇུག་ལེགས་པར་བསྡུས་ཡོད།

On the evening of Sunday, July 19, 2026, corresponding to the 2,570th year since the Buddha’s Parinirvana and the 17th Rabjung cycle, the Khenpos, Lopons, and spiritual teachers of Gyalten Lungtok Shedrub Dargye Ling Monastery gave profound advice and guidance to the students on cultivating virtues and avoiding negative actions.

The advice covered the following topics:

Lopon Tenzin Tsewang spoke about the importance of monks studying Buddhist philosophy and knowledge while also paying attention to and making efforts to learn about modern society and culture.

Khenpo Kalden Wangchuk spoke about the importance of education and proper methods of studying and learning.

Khenpo Dechen Wangdu spoke about the importance of developing and maintaining good character, as well as making diligent efforts to learn religious rituals and traditional practices.

The Chairman, Khenpo Kunsang Migyur, explained that this monastery is the one and only precious jewel of Pemako. He emphasized that the responsibility for preserving and developing the monastery, as well as restoring anything that has declined, rests upon all the Khenpos, Lopons, spiritual teachers, and students present here.

He further gave profound advice on the importance of everyone properly upholding their vows and commitments, refraining from misusing Sangha property, diligently fulfilling their respective responsibilities without negligence, and maintaining a spirit of compassion and altruism. He also emphasized that elders should care for and show kindness to the younger ones, while the younger ones should respect and honor their elders.

Finally, the General Secretary, Lopon Tenzin Lekdrup, gave a concluding summary of the entire advice-giving program and expressed heartfelt gratitude to all those who had offered their advice and guidance. With this, the program of advice and guidance was brought to a successful conclusion.

༄། །དེ་རིང་སྟེ། སྤྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༨ རེས་གཟའ་སྤེན་པའི་ཉིན། ཆོས་འཁོར་དུས་ཆེན་དང་བསྟུན་ཏེ། འདི་ག་པདྨ་མ་ཎི་གཞི་རིམ་ས...
18/07/2026

༄། །དེ་རིང་སྟེ། སྤྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༨ རེས་གཟའ་སྤེན་པའི་ཉིན། ཆོས་འཁོར་དུས་ཆེན་དང་བསྟུན་ཏེ། འདི་ག་པདྨ་མ་ཎི་གཞི་རིམ་སློབ་གྲྭའི་སློབ་མ་ཡོངས་ཀྱིས་སྔ་དྲོའི་ཆུ་ཚོད་ ༩:༠༠ ནས་ ༡༢:༠༠ བར། ལོ་འདིའི་ཟླ་རྒྱུགས་སྔ་མ་དེ་ལེགས་པར་བཏང་ཡོད།

དེ་ཡང་།

༡༽ཀ་ཁ་འཛིན་གྲྭ་ནས་འཛིན་གྲྭ་གཉིས་པའི་བར།
འཛིན་གྲྭ་སོ་སོའི་བོད་ཡིག་ཀློག་དེབ།
༢༽འཛིན་གྲྭ་གསུམ་པ། བྱིས་པ་དག་ཡིག
༣༽འཛིན་གྲྭ་བཞི་པ། ལེགས་བཤད་ལྗོན་དབང་།
༤༽འཛིན་གྲྭ་ལྔ་པ། སུམ་ཅུ་པ།
༥༽འཛིན་གྲྭ་དྲུག་པ། དཀའ་གནད་གསལ་བའི་མེ་ལོང་།
༦༽འཛིན་གྲྭ་བདུན་པ། ངག་སྒྲོན་ཀ་ནས་ན་བར།
༧༽ འཛིན་གྲྭ་བརྒྱད་པ། ངག་སྒྲོན་ན་ནས་ཨ་བར།

གོང་གསལ་ལྟར། འཛིན་གྲྭ་སོ་སོའི་སློབ་མ་རྣམས་ཀྱིས་རང་རང་གི་སློབ་ཚན་དང་བསྟུན་པའི་ཟླ་རྒྱུགས་སྔ་མ་དེ་དག་ལེགས་པར་བཏང་ཡོད།

Today, Saturday, July 18, 2026, in connection with the Chökhor Düchen festival, all the students of Padma Mani Primary School successfully took the first monthly examination of this year from 9:00 a.m. to 12:00 noon.
The subjects examined were as follows:
From the Ka-Kha class to Class Two: Tibetan reading books appropriate to each respective class.
Class Three: Children’s Dictionary (Byi-pa Dag-yig).
Class Four: Legshe Jönwang.
Class Five: Sum-chu-pa.
Class Six: The Mirror Clarifying Difficult Points.
Class Seven: Ngakdrön, from Ka to Na.
Class Eight: Ngakdrön, from Na to A.
As mentioned above, the students of each class successfully completed their first monthly examinations in accordance with their respective subjects and curriculum.

༄། །དེ་རིང་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་...
06/07/2026

༄། །དེ་རིང་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་སྐལ་བཟང་དགའ་སྟོན་གྱི་ཉིན་མོར། འདི་ག་ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་གི་འདུས་མང་ཡོངས་ནས། ༸མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སླད། འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ་དང་། གནས་བརྟན་ཕྱག་མཆོད། ༸གོང་ས་མཆོག་གི་བཀའ་སློབ་དགོངས་དོན་ལྟར་མ་ཎི་གང་མང་བགྲངས་པ་དང་སྦྲགས། རྒྱལ་བའི་ཞབས་བརྟན་དང་བསྔོ་སྨོན་སོགས་གསུངས་ཏེ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད།

Today, on the joyous occasion of the 91st birthday of His Holiness the Great 14th Dalai Lama, the supreme crown jewel of both the spiritual and temporal worlds, the all-knowing and all-compassionate Protector,

The entire monastic community of Ngesang Do-Ngak Jangchub Dargye Ling gathered to celebrate this auspicious day. With heartfelt devotion, prayers were offered for His Holiness to enjoy a long life lasting hundreds of aeons and for all of his noble aspirations and enlightened wishes to be accomplished effortlessly and without obstacles.

The ceremony included the recitation of the Verses of the Eight Auspicious Ones (Tashi Gyepa), offerings and homage to the elder monks, the recitation of a large number of Om Mani Padme Hum mantras in accordance with His Holiness’s advice, followed by long-life prayers for His Holiness and dedication prayers. In this way, the community respectfully observed and celebrated His Holiness’s birthday.

༄། །དེ་ཡང་སྔོན་མཁན་སློབ་ཆོས་གསུམ་གྱི་སྐུ་དུས་སུ་ཆོས་རྒྱལ་ཁྲི་སོང་ལྡེའུ་བཙན་གྱིས་དཔལ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་...
29/06/2026

༄། །དེ་ཡང་སྔོན་མཁན་སློབ་ཆོས་གསུམ་གྱི་སྐུ་དུས་སུ་ཆོས་རྒྱལ་ཁྲི་སོང་ལྡེའུ་བཙན་གྱིས་དཔལ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གསར་བཞེངས་གནང་སྐབས་བྱ་བ་ལམ་ལྷོངས་མ་བྱུང་བས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་ཀྱི་ལྷ་སྲིན་གདུག་པ་ཅན་ཐམས་ཅད་བཀའ་བཞག་དམ་འདོགས་དང་། རྣམ་དཀར་འཕྲིན་ལས་སྒྲུབ་པར་གཉེར་གཏད་དེ་བསམ་ཡས་གཙུག་ལག་ཁང་ལེགས་གྲུབ་བྱུང་བའི་གཏང་རག་ཏུ་ཧས་པོ་རིའི་རྩེར་འཛམ་བུ་གླིང་གི་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་ཡུལ་ལྷ་གཞི་བདག་རྣམས་ལ་རྒྱགས་རྔན་ལྷ་བསང་གི་འདོན་ཆོས་མཛད་དེ་བསང་མཆོད་རྒྱ་ཆེར་གནང་བ་དེ་ལ་འཛམ་གླིང་སྤྱི་བསང་དུ་གྲགས་པ་ལྟར། དེ་རིང་སྟོན་པའི་འདས་ལོ་ ༢༥༧༠ བོད་ཟླ་ ༠༥ ཡར་ཚེས་ ༡༥ ཉིན། འདི་ག་ངེས་གསང་མདོ་སྔགས་བྱང་ཆུབ་དར་གླིང་གི་མཁན་སྤྲུལ་བླ་སློབ་རྣམ་པ་དང་། བཤད་གྲྭའི་ལོ་རིམ་དགུ་པ་དང་བརྒྱད་པའི་སློབ་གཉེར་བ་རྣམས་ཀྱིས་གཙོས་པདྨ་བཀོད་ཀྱི་མི་དམངས་རྣམས་ནས། བསྟན་འགྲོ་སྤྱི་དང་བྱེ་བྲག་གི་བདེ་ཐབས་ལ་དམིགས་ཏེ། ( Old Tuting ) ཀྲུ་ཀྲིང་གྲོང་སྡེ་རྙིང་པའི་གྲོང་ཤུལ་གྱི་རི་རྩེར་ཕྱིན་ཏེ། རྩ་གསུམ་དམ་ཅན་རྒྱ་མཚོ་ལ་བསང་མཆོད་དང་གསེར་སྐྱེམས་རྒྱས་པར་ཕུལ་བ་དང་། རླུང་རྟ་སོགས་འཕྱར་ཡོད། དེ་བཞིན་དགོན་པའི་དགེ་འདུན་དམངས་ནས་དགོན་པར་སྙིང་ཐིག་འདོན་ཆ་ལྟར་བསང་གསོལ་རྒྱས་པར་གསུངས་པའི་མཐོང་སྣང་།

Moreover, in earlier times, during the lifetime of the great abbot, master, and Dharma king (the “three great ones”), when King Trisong Detsen was constructing the glorious Samye Monastery, the sacred temple that embodies the unchanging perfection of the three traditions, many obstacles arose and the work could not proceed smoothly. At that time, the great master Padmasambhava subdued all the harmful gods, spirits, and demonic forces of Tibet, placing them under oath and entrusting them with the performance of virtuous enlightened activities. Through this, the construction of Samye Monastery was successfully completed.

As an act of thanksgiving for its completion, on the summit of Hepo Ri, offerings of smoke purification (sang) were made to the gods, nāgas, territorial deities, and local protectors who safeguard the virtuous forces of the world. This vast offering ceremony became renowned as the “Universal Sang Offering” (Jambuling Chi-sang).

Likewise, today, on the 15th day of the 5th Tibetan month, in the 2570th year since the passing of the Buddha, the abbots, tulkus, lamas, and students of Ngesang Do-ngak Jangchub Darling Monastery, together with the 8th- and 9th-year students of the monastic college, and the local people of Padma Kod, gathered with the aspiration for the welfare and benefit of the teachings and all sentient beings.

They climbed to the mountain summit above the old village ruins of Old Tuting (Tuting old settlement), where they made extensive sang offerings and golden libation offerings (serkyem) to the Three Roots and the ocean of oath-bound protectors, and also raised prayer flags (lungta).

At the same time, the monastic community at the monastery also recited the extensive Sangsol prayers according to the Nyingthig liturgical tradition.

This is a glimpse of that sacred observance.

༄༅། །དེ་རིང་སྟེ། བོད་རྒྱལ་ལོ་ ༢༡༥༣ སྟོན་པའི་འདས་ལོ་ ༢༥༧༠ བོད་ཟླ་ལྔ་པའི་ཡར་ཚེས་ ༦ རེས་གཟའ་སྤེན་པའི་སྔ་དྲོའི་ཆར། རྒྱལ་བསྟན...
20/06/2026

༄༅། །དེ་རིང་སྟེ། བོད་རྒྱལ་ལོ་ ༢༡༥༣ སྟོན་པའི་འདས་ལོ་ ༢༥༧༠ བོད་ཟླ་ལྔ་པའི་ཡར་ཚེས་ ༦ རེས་གཟའ་སྤེན་པའི་སྔ་དྲོའི་ཆར། རྒྱལ་བསྟན་ལུང་རྟོགས་བཤད་སྒྲུབ་དར་རྒྱས་གླིང་གི་ལོ་རིམ་དང་པོའི་སློབ་གཉེར་བ་རྣམས་ཀྱིས་རྩ་བའི་སློབ་ཚན་སྔ་མ། མཁན་ཆེན་གཞན་དགས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་མཆན་འགྲེལ་གི་ཟླ་རྒྱུགས་སྔ་མ་བཏང་ཡོད།

On this Saturday morning, the 6th day of the 5th Tibetan month (Tibetan year 2153, 2570 years after the Buddha’s parinirvana), the first-year students of Gyalten Lungtok Shedrub Dargye Ling sat for their monthly examination on their main subject: the commentary on Entering the Conduct of the Bodhisattva.

༈ རབ་གནས་མེ་ཕོ་རྟ་ལོའི་ས་ག་ཟླ་བའི་མར་ཚེས་ཉེར་དགུ་ཉིན། སྔ་འགྱུར་རྙིང་མའི་ཤིང་རྟ་ཆེན་མོ་༸ཀུན་མཁྱེན་བླ་མ་མི་ཕམ་འཇམ་དབྱངས་རྣ...
14/06/2026

༈ རབ་གནས་མེ་ཕོ་རྟ་ལོའི་ས་ག་ཟླ་བའི་མར་ཚེས་ཉེར་དགུ་ཉིན། སྔ་འགྱུར་རྙིང་མའི་ཤིང་རྟ་ཆེན་མོ་༸ཀུན་མཁྱེན་བླ་མ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་གང་ཉིད་ཕྱིར་གསལ་སྐུའི་བཀོད་པ་ནང་དབྱིངས་འཇམ་དཔལ་གཞོན་ནུའི་དབྱིངས་སུ་སླར་ཡང་ཐིམ་ཚུལ་བསྟན་ནས་བགྲང་བྱ་ ༡༡༤ འཁོར་བའི་དུས་བཟང་ལ། འདི་ག་དཔལ་སྔ་འགྱུར་རྙིང་མ་ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་གི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ཀྱིས་དབུས། དགེ་འདུན་འདུས་མང་ཡོངས་ནས་མགོན་པོ་གང་གི་བཀའ་དྲིན་རྗེས་དྲན་དང་ཚོགས་བསོག་གི་སླད་དུ་དམིགས་ཏེ་རྒྱུད་ལུགས་འཇམ་དཔལ་ཞི་བའི་ཆོ་གའི་སྒོ་ནས་ཚོགས་མཆོད་རྒྱས་པ་དང་། དེ་རྗེས་༸མགོན་པོ་གང་གི་སྐུ་པར་མཐོང་གྲོལ་ཆེན་མོར་མཇལ་ཁ་ཞུས་ཤིང་། དགོང་མོའི་ཆར་བཤད་གྲྭའི་སློབ་གཉེར་བ་རྣམས་ནས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་དམ་པའི་ཆོས་ཀྱི་མཆོད་སྤྲིན་རྒྱ་མི་ཆུང་བར་སྤྲོས་ཏེ། མཐར་བཀྲ་ཤིས་ཚིག་བཟང་དང་། བསྔོ་བ་སྨོན་ལམ་བཅས་ཀྱིས་མཐའ་བརྒྱན་ཏེ་མཇུག་ལེགས་པར་གྲུབ་ཡོད།།

On the 29th day of the waning phase of the Saga month in the Fire Male Horse Year of Rabjung, marking the auspicious occasion of the 114th anniversary since the great chariot of the Ancient Translation School of the Nyingma school, the omniscient master Mipham Jamyang Namgyal Gyatso—victorious in all directions—displayed the manner of dissolving his manifest form back into the expanse of the youthful Manjushri.

On this meaningful occasion, at this glorious monastery, Nyingma Ngesang Do-Ngak Jangchub Dargye Ling, the khenpos, lopöns, spiritual teachers, and the entire monastic assembly gathered together. With heartfelt remembrance of the protector’s kindness and for the accumulation of merit, they performed an extensive feast offering through the ritual tradition of peaceful Manjushri according to the ta***ic lineage.

After that, they paid homage and made offerings before the great liberating image (thongdrol) of the master. In the evening, the monastic scholars of the shedra offered vast clouds of Dharma offerings through the three activities of teaching, debate, and composition.

༄༅། །དེ་རིང་སྟེ། སྤྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༨ སྔ་དྲོའི་ཕྱག་ཚོད་ ༧ པའི་ཐོག་ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་གི་མཁན་སློ...
08/05/2026

༄༅། །དེ་རིང་སྟེ། སྤྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༨ སྔ་དྲོའི་ཕྱག་ཚོད་ ༧ པའི་ཐོག་ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་གི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དང་། དགེ་འདུན་འདུས་མང་། དེ་བཞིན་པདྨ་བཀོད་ཀྱི་མི་མང་ལྷན་འཛོམས་ཐོག་པད་བཀོད་བསྟན་པའི་སྒྲོན་མེ་མཁན་རིན་པོ་ཆེ་ཚེ་རིང་རྡོ་རྗེ་མཆོག་དགུང་གྲངས་བདུན་ཅུར་ཕེབས་པའི་སྐུ་ཡི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད།
དེ་ཡང་སྔ་དྲོའི་ཆར་དཔལ་སྤྲུལ་གསུང་རྒྱུན་ལྟར་བཀོད་པའི་བྱང་སྡོམ་བླང་ཆོག་དང་གནས་བརྟན་ཕྱག་མཆོད་སོགས་གསུངས་མཐར་གང་གི་སྐུ་པར་མཐོང་གྲོལ་མདུན་དུ་མཎྜལ་དང་མཇལ་དར་ཕུལ་ཏེ། སྤྲི་གོར་བཏུབས་པ་དང་མཐའ་རྟེན་ཞབས་བརྟན་གསོལ་འདེབས་དང་སྨོན་ལམ་སོགས་གསུངས་ནས་ཚོགས་གྲོལ་ཡོད།

Today, on May 8, 2026, at 7:00 in the morning, the Khenpos, Lopens, teachers and monks of Ngesang Dongak Jangchub Dargye Ling Monastery, together with the people of Pema Kod, gathered to celebrate the 70th birthday of Khen Rinpoche Tsering Dorje, the Lamp of the Doctrine of Pema Kod.

In the morning, according to the liturgical tradition of Patrul Rinpoche, the Bodhisattva vows ceremony and offerings to the elders were conducted. Thereafter, mandala offerings and ceremonial scarves were offered before his liberating image. Finally, cake was cut and prayers for long life, auspicious aspirations, and dedication prayers were recited, after which the gathering concluded.

Address

Tuting

Website

Alerts

Be the first to know and let us send you an email when Ngesang Dhongag Jangchub Dargyeling posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share