07/05/2026
༄།། དེ་རིང་ནི་ཕྱི་ཟླ་ ༥ ཚེས་ ༦ སྟེ། རང་ཅག་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན། ༧ དཔལ་རྒྱལ་དབང་ཀརྨ་པ་ཆེན་པོ་བཅུ་བདུན་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་གི་སྐུ་ཡི་འཁྲུངས་སྐར་དུས་ཆེན་ལ་དགའ་དད་སྤྲོ་གསུམ་སྒོ་ནས་༧མགོན་པོ་གང་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་དཔལ་རྒྱལ་བ་བཀའ་བརྒྱུད་པའི་བསྟན་འགྲོ་ཡོངས་ཀྱི་དོན་དུ། ༧ཞབས་པད་བསྐལ་བརྒྱར་བརྟན་ཅིང་། མཛད་འཕྲིན་གྱི་འོད་སྣང་ཕྱོགས་མེད་དུ་འཕྲོ་བའི་གསོལ་འདེབས་སྨོན་ལམ་རྩེ་གཅིག་ཏུ་ཞུ།
དུས་ཆེན་འདི་དང་བསྟུན་ནས། ༧སྐྱབས་རྗེ་སྒྲུབ་སེང་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་དགེ་འདུན་འདུས་པ་རྒྱ་མཚོས་༧རྗེ་བཙུན་འཕགས་མ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་ཚེ་སྒྲུབ་ཞབས་བརྟན་དང་། མཎྜལ་རྟེན་གསུམ་འདེགས་འབུལ་ཀྱིས་སྐུ་ཚེ་ཡུན་དུ་བརྟན་པའི་རྟེན་འབྲེལ་བསྒྲིགས། དེ་བཞིན་གཞིས་ཆགས་ཀྱི་བོད་མི་རྣམས་ནས་ཕྱག་ན་ལྷ་དར་དང་མེ་ཏོག་སོགས་ཀྱིས་མཇལ་ཁ་ཞུས་ཏེ་ཆོས་ཕྱོགས་ཀྱི་སྒོ་ནས་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུ་བ་ལགས་སོ།།
Today, on May 6th, we, the followers of the Karma Kamtsang Practice Lineage, celebrate the auspicious birthday of our supreme refuge The 17th Gyalwang Karmapa, Trinley Thaye Dorje.
With deep joy, faith, and inspiration, we offer our heartfelt "Tashi Delek" and boundless well-wishes. For the sake of the general Buddhist teachings and specifically for the benefit of the Kagyu lineage and all sentient beings, we pray that his life may remain firm and his enlightened activities may flourish in all directions.
To mark this sacred occasion, Kyabje Drupseng Rinpoche and the entire monastic community are performing the White Tara (Wish-Fulfilling Wheel) Long-Life Prayer and offering the Mandala and the Three Representations (Body, Speech, and Mind). Additionally, our Tibetan residents families of our settlement are paying respect to his holiness and receiving blessings.