Dhakpo Lharampa

Dhakpo Lharampa the page is to capture all events in Tibetan community in NYC

11/03/2025

༄༅།། ༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་མཛད་པ་དང་འབྲེལ་བའི་གསུང་བཤད།
དྲུང་ཟུར་སྐུ་ངོ་ཀུན་དགའ་བཀྲིས།།

10/12/2025

༄༅།། ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ཁུན་སི་ (Queens) ཁུལ་དུ་ > ཞེས་པའི་༧གོང་ས་མཆོག་གི་རླབས་ཆེན་མཛད་པ་མཚོན་པའི་གློག་བརྙན་སྟོན་པའི་བྱེད་སྒོ་ཞིག་གྲ་སྒྲིག་གནང་ཡོད་པ་དང་། བྱེད་སྒོ་དེ་ནི་ Museum of Moving Image ཞེས་པའི་གློག་བརྙན་འགྲེམས་སྟོན་ཁང་དང་། Abramolama ཞེས་པའི་གློག་བརྙན་དང་སྒྱུ་རྩལ་ཚོང་ལས་ཁང་ཐོུང་ནས་གྲ་སྒྲིག་གནང་ཞིང་། སྒོ་འཛིན་འགྲེམས་སྤེལ་དང་བོད་མིར་འབྲེལ་གཏུགས་གནང་རྒྱུར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་གཞོགས་འདེགས་གནང་ཡོད།
གློག་བརྙན་ཚར་རྗེས་ཕྱག་ཚོད་ཕྱེད་ཀའི་རིང་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་ཡོད་པ་དེའི་སྐབས་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་ Rochard Gere ལགས་དང་། ར་སྟོད་མཁན་ཟུར་ Nicky Vreeland ལགས། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཱའི་ཀལ་མེག་ཀཱོལ་ (Rep. Michael McCaul) རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ཕེབས་འདུག།

10/06/2025

༄༅།། ནིའུ་ཡོག་གནས་ཆུང་ཆོས་ཚོགས་ནས་ཕྱི་ལོ་ ༢༠༢༥ ལོའི་མཧཱ་གུ་རུའི་འབུམ་ཚོགས་འའདི། ཕྱི་ཟླ་ ༡༠ ཚེས་ ༡ ནས་ཉིན་ལྔའི་རིང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞིར་ཚོགས་གནང་བ་དང་། འབུམ་ཚོགས་ཉིན་མཐའ་མ་སྟེ། ཕྱི་ཚེས་ ༥ ཉིན་རྒྱབ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ བཞེས་པའི་༧སྐུའི་གོ་སྟོན་མཛད་སྒོར་སྐུ་མགྲོན་གཙོ་བོ་བྱང་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་བོད་རིགས་འབྲེལ་མཐུད་པ་དྲུང་ཟུར་ཀུན་དགའ་བཀྲ་ཤིས་ལགས་ནས་གསུང་བཤད་གནང་བའི་བརྙན་པར།

10/05/2025

༄༅།། རླུང་རྟའི་འགྲེལ་བཤད་སྙིང་བསྡུས།

10/02/2025

༄༅།། དགོངས་རྫོགས་མཆོད་འབུལ་སྨོན་ལམ།

10/02/2025

༄༅།། ནིའུ་ཡོག་ཏུ་མཧཱ་གུ་རུའི་འབུམ་ཚོགས་ཐེངས་བདུན་པ།

༄༅།། ཆོས་བརྡ་གསལ་བསྒྲགས།
08/04/2025

༄༅།། ཆོས་བརྡ་གསལ་བསྒྲགས།

༄།། ཆོས་འཁོར་དུས་ཆེན་གྱི་རྣམ་བཞག་འཕགས་ལམ་སྣང་བ་གསལ་བྱེད་ཅེས་བྱ་བ་བཞུགས་སོ།         ༄།། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།        ...
07/28/2025

༄།། ཆོས་འཁོར་དུས་ཆེན་གྱི་རྣམ་བཞག་འཕགས་ལམ་སྣང་བ་གསལ་བྱེད་ཅེས་བྱ་བ་བཞུགས་སོ།
༄།། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།
མཚན་དང་དཔེ་བྱད་སྟོང་གིས་བསྐྲུན་པའི་སྐུ།།
གསུང་དབྱངས་ཡན་ལག་དྲུག་ཅུས་རྒྱན་པའི་གསུང་།།
ཤེས་བྱའི་ཆོས་ཚུལ་མ་ལུས་མཁྱེན་པའི་ཐུགས།།
མཉམ་མེད་ཤཱཀྱ་སེང་གེར་མགོས་ཕྱག་འཚལ།།
འདིར་མཆོད་པར་བརྗོད་ནས་ལས་སུ་བྱ་བ་ནི། ཇི་སྐད་དུ། རྒྱལ་བ་བྱམས་པ་མགོན་པོའི་ཞལ་སྔ་ནས། བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་།། ཞེས་དང་། འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས་མཛད་པར་གྲགས་པའི་ཐབས་མཁས་ཐུགས་རྗེ་མ་ལས།། ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ཀྱང་།། ཝཱ་རཱ་ཎ་སཱི་ལ་སོགས་གནས་མཆོག་ཏུ།། ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས།། ཐེག་པ་གསུམ་ལ་འགོད་མཛད་ལ་ཕྱག་འཚལ།། ཞེས་དང་། ཀུན་གཟིགས་ལྔ་པ་ཆེན་པོས་ཀྱང་། བདུན་ཕྲག་བདུན་མཐར་བཀྲ་ཤིས་ཚིགས་བཅད་གསུངས།། ཚངས་དབང་གིས་བསྐུལ་ཝཱ་རཱ་ཎ་སཱི་རུ།། ཆུ་སྟོད་ཟླ་བའི་ཚེས་བཞིར་བདེན་པ་བཞིའི།། ཆོས་ཀྱི་འཁོར་ལོ་བསྐོར་ལ་ཕྱག་འཚལ་ལོ།། ཞེས་གསུངས་པ་ལྟར། འདིར་སྟོན་པའི་དུས་ཆེན་རྣམ་བཞིའི་ཡ་གྱལ་ཆོས་འཁོར་དུས་ཆེན་གྱི་སྐོར་མདོ་ཙམ་ཞིག་བརྗོད་ན། ཆོས་འཁོར་དུས་ཆེན་ཞེས་པ་ནི་སྟོན་པ་ཐུབ་པའི་དབང་པོས་བརྗོད་བྱ་བདེན་པ་བཞི་ལ་བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་ཁྱད་པར་ཅན་ཞིག་ལ་གོ་དགོས་ལ། དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་དེ་ཉིད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་ཚུལ་བསྟན་ནས། རེ་ཞིག་གདུལ་བྱ་རྣམས་ཆོས་བསྟན་པའི་སྣོད་དུ་རུང་མི་རུང་བརྟག་པའི་ཆེད་དུ་བདུན་ཕྲག་བདུན་གྱི་བར་ཆོས་མི་གསུངས་པའི་ཚུལ་མཛད་པ་ན། ཕྱོགས་བཅུའི་ཞིང་ནས་ལྷ་གྲངས་ལས་འདས་པ་དག་གིས་ཆོས་སྟོན་པར་གསོལ་བ་བཏབ་ཅིང་། ཁྱད་པར་དུ་སྟོང་གསུམ་གྱི་བདག་པོ་ལྷ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་འབར་བ་དང་། བརྒྱ་བྱིན་གྱིས་དུང་དཀར་གཡས་འཁྱིལ་བཅས་ཕུལ་ཏེ། བསྟན་པ་དང་འགྲོ་བ་སེམས་ཅན་གྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ལྟར་ཞལ་གྱིས་བཞེས་ཏེ། ཆུ་སྟོད་ཟླ་བའི་ཚེས་བཞི་ཉིན་ཡུལ་ཝཱ་རཱ་ཎ་སཱིའི་དྲང་སོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་གྱི་ཐོག་མ་ལྔ་སྡེ་བཟང་པོ་སྟེ། ཀུན་ཤེས་ཀོོའུ་ཌིནྱ་དང་། རྟ་ཐུལ། རླངས་པ། མིང་ཅན། བཟང་ལྡན་རྣམས་ཡེ་ཤེས་ཁོང་ཆུད་ཀྱིས་བསྙེན་པར་རྫོགས་ཅིང་། གཞན་ཡང་ལྷའི་འཁོར་ཚོགས་དཔག་མེད་དང་བཅས་པ་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ། འོ་ན། བདེན་པ་བཞིའི་ངོས་འཛིན་དང་། གྲངས་ངེས། གོ་རིམ་སོགས་གང་ཡིན་ནམ་ཞེ་ན། མདོ་ལས། དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ། འདི་ནི་སྡུག་བསྔལ་ལོ། འདི་སྡུག་བསྔལ་ཀུན་འབྱུང་བའོ། འདི་ནི་སྡུག་བསྔལ་འགོག་པའོ། སྡུག་བསྔལ་འགོག་པར་གྲོལ་བའི་ལམ་མོ། ཞེས་དང་། ཀུན་བཏུས་ལས་ཀྱང་། བདེན་པ་རྣམ་པར་ངེས་པ་གང་ཞེ་ན། འཕགས་པའི་བདེན་པ་བཞི་པོ་དག་སྟེ། ཞེས་སོགས་གསུངས་པ་ལྟར། བདེན་པ་བཞི་ནི། སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་རྣམས་སོ། དེ་དག་སོ་སོའི་ངོ་བོ་དང་། ཁྱད་ཆོས་བཅུ་དྲུག་སོགས་གཞན་དུ་བཤད་པར་འགྱུར་རོ།
བདེན་བཞིའི་གྲངས་ངེས་ནི། འཕགས་པའི་བདེན་པ་དེ་ལ་བཞིར་གྲངས་ངེས་པ་ཡིན་ཏེ། རྣམ་གྲོལ་དོན་གཉེར་རྣམས་ཀྱི་གཏན་ལ་དབས་བྱའི་གཙོ་བོ་ནི། འཁོར་འདས་གཉིས་སུ་ངེས་ཤིང་། འཁོར་བ་ལ་འཇུག་པའི་རྒྱུ་ཀུན་འབྱུང་བདེན་པ་དང་། འབྲས་བུ་སྡུག་བསྔལ་བདེན་པ་གཉིས་སུ་གྲངས་ངེས། འཁོར་བ་ལས་ལྡོག་པའི་རྒྱུ་ལམ་བདེན་དང་། བྲལ་འབྲས་འགོག་བདེན་ཏེ། འཁོར་བར་འཇུག་ལྡོག་གི་རྒྱུ་འབྲས་ལ་བདེན་པ་བཞིར་གྲངས་ངེས་པའི་ཕྱིར།
བདེན་བཞིའི་གོ་རིམ་ནི། རྒྱུ་འབྲས་དོན་རིམ་དང་། ཡུལ་ཅན་མངོན་རྟོགས་བསྐྱེད་རིམ་གཉིས་ལས། རྒྱུ་འབྲས་དོན་རིམ་ལྟར་ན། རྩ་བར། རྒྱུ་དང་ལམ་དང་སྡུག་བསྔལ་དང་།། འགོག་པ་ལ་ནི་གོ་རིམ་བཞིན།། ཞེས་པ་ལྟར། རྒྱུ་ཀུན་འབྱུང་དང་འབྲས་བུ་སྡུག་བདེན་ཏེ། ཀུན་ཉོན་ཕྱོགས་ཀྱི་རྒྱུ་འབྲས་དང་། རྒྱུ་ལམ་བདེན་དང་བྲལ་འབྲས་འགོག་བདེན་ཏེ། རྣམ་བྱང་ཕྱོགས་ཀྱི་རྒྱུ་འབྲས་ཏེ། ཀུན་བྱང་གི་རྒྱུ་འབྲས་ཚར་གཉིས་སུ་བསྡུས་ནས་བླང་དོར་བྱ་བའི་གཞིར་བདེན་བཞི་བསྟན་ཏོ། ཡུལ་ཅན་མངོན་རྟོགས་བསྐྱེད་རིམ་ལྟར་ན། རྒྱུད་བླ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ།། བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར།། སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ།། ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ།། ཞེས་དང་། མཛོད་རྩ་བར་། དེ་དག་ཇི་ལྟར་མངོན་རྟོགས་རིམ། ཞེས་པ་ལྟར། ཐོག་མར་སྡུག་བདེན་འཁོར་བའི་ཉེས་དམིགས་རྣམས་ལེགས་པར་བསམ་པའི་སྟེང་ནས་དེ་ལ་བྲལ་འདོད་ཀྱི་བློ་བསྐྱེད་དགོས་ལ། དེ་ལྟར་མ་བྱུང་ཚེ་རྒྱུ་ཀུན་འབྱུང་ལ་སྤོང་འདོད་ཀྱི་བློ་སྐྱེ་བ་མི་སྲིད་པས། སྡུག་བདེན་དུས་དང་པོར་བསྟན། སྡུག་བསྔལ་ལ་བྲལ་འདོད་ཀྱི་བློ་སྐྱེས་པ་ན་སྡུག་བསྔལ་གྱི་རྒྱུ་གང་ཡིན་སྙམ་པར་འབྱུང་བས། ཀུན་འབྱུང་དུས་གཉིས་པར་བསྟན། ཀུན་འབྱུང་སྤོང་ནུས་སུ་མཐོང་ན་སྡུག་བསྔལ་འགོག་ནུས་སུ་མཐོང་ལ། སྡུག་བསྔལ་འགགས་པའི་འགོག་པ་ཡང་མངོན་དུ་བྱ་ནུས་སུ་མཐོང་བས། འགོག་པ་དུས་གསུམ་པར་བསྟན། དེ་ལྟ་བུའི་འགོག་པ་མངོན་དུ་བྱེད་པ་ལ་ལམ་བདེན་གོམས་པར་བྱས་པ་ལ་རག་ལས་པ་མཐོང་བས། ལམ་བདེན་དུས་བཞི་པར་བསྟན་ཏེ། དཔེར་ན། ནད་པ་ཉམ་ཐག་ཞིག་ནད་ལས་སྐྱོབ་པ་ལ། ཐོག་མར་ནད་དེ་གང་ཡིན་ཤེས་པར་བྱས། དེ་རྗེས་ནད་དེའི་རྒྱུ་གང་ཡིན་རྩད་གཅོད་ཅིང་། དེ་ངོས་ཟིན་པ་ན་དེ་ཉིད་བཅོས་ཐབས་ཡོད་མེད་བརྟག་པ་དང་། བཅོས་ཐབས་ཡོད་པར་ཤེས་ནས་སྨན་སོགས་བསྟེན་ནས་ལག་ལེན་དངོས་ལ་འཇུག་པ་བཞིན་ནོ། མདོར་ན། མདོ་ལས་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་སྒོམ་པར་བྱ། གསུངས་པ་ལྟར། སྡུག་བདེན་གྱི་ཉེས་དམིགས་དང་ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ་སོགས་ལ་འབད་དགོས་ཏེ། དེ་ལྟར་མ་བྱུང་ཚེ་ཐར་པ་དོན་གཉེར་གྱི་བློ་མཚན་ཉིད་ཚང་བ་ཞིག་མི་སྐྱེ་ཞིང་། འབེན་མ་མཐོང་བར་མདའ་འཕེན་པ་དང་འདྲ་བས་འཁོར་བའི་རྩ་བ་གཅོད་ཚུལ་ཡང་མི་ཤེས་པ་ཡིན་ཏེ། རྗེ་བླ་མས། སྡུག་བདེན་ཉེས་དམིགས་བསམ་ལ་མ་འབད་ན།། ཐར་པ་དོན་གཉེར་ཇི་བཞིན་མི་སྐྱེ་ཞིང༌།། ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམས་ན།། འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས། ཅེས་སོགས་གསུངས་སོ།
སྨྲས་པ།
འདིར་འབད་ལས་འབྱུང་དགེ་ཚོགས་དེས།།
ཕ་མས་གཙོས་པའི་ལུས་ཅན་ཀུན།།
བྱང་ཆུབ་སེམས་ཀྱི་གྲུར་བཞུགས་ཏེ།།
སྲིད་པའི་རྒྱ་མཚོ་ལས་གྲོལ་ཤོག
།ཅེས་ཆོས་འཁོར་དུས་ཆེན་གྱི་རྣམ་བཞག་འཕགས་ལམ་སྣང་བ་གསལ་བྱེད་ཅེས་བྱ་བ་འདི་ཡང་དྭགས་པོ་ལྷ་རམས་པ་འབོད་པས་ནིའུ་ཡོག་གྲོང་ཁྱེར་ནས་དབྱར་ཟླ་འབྲིང་པོའི་ཡར་ཚེས་བཞི་ལ་སྦྱར་བའོ། དགེ་ལེགས་འཕེལ།

༄༅།། རྒྱལ་བའི་འཁྲུངས་སྐར་ཉིན་གསུམ་པའི་སྒོར་གཞས་ཕྱོགས་བསྒྲིགས།
07/20/2025

༄༅།། རྒྱལ་བའི་འཁྲུངས་སྐར་ཉིན་གསུམ་པའི་སྒོར་གཞས་ཕྱོགས་བསྒྲིགས།

Address

8810 Whitney Avenue
New York, NY
11373

Alerts

Be the first to know and let us send you an email when Dhakpo Lharampa posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Share